བོད་ཀྱི་སློབ་གྲྭའི་སློབ་གསོའི་གོ་མིང་གཅིག་གྱུར་བྱེད་ཐབས་སྐོར་ལ་ཅུང་ཟད་དཔྱད་པ།

January 17, 2018 By Nyenthar, Banaras Hindu University

སྔོན་གླེང་།

འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་རང་ཅག་བོད་གཞིས་བྱེས་གཉིས་སུ་གྱེས་པ་དང་། ཕྱོགས་གཉིས་ཀ་ནས་དེང་རབས་སུ་སྙད་པའི་སློབ་གསོའི་ལམ་ཕྱོགས་སུ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་རྒྱ་བསྐྱེད་ཀྱིས་མཚམས་འདིར་སླེབས་ཚེ། སྤྱིའི་ཆ་ནས་བོད་གཞིས་བྱེས་གཉིས་སུ་དམའ་རིམ་ནས་མཐོ་རིམ་བར་གྱི་སློབ་གསོའི་རྣམ་པ་ཞིག་གྲུབ་ཡོད་ན་ཡང་། སློབ་གྲྭ་ཁག་གི་སློབ་གསོའི་གནས་རིམ་གྱི་མིང་འདོགས་ཚུལ་ཐད་ནས་འཛིན་རིམ་བཅུ་གཉིས་འོག་གི་གཞི་རིམ་གྱི་སློབ་གནས་སོ་སོའི་གནས་རིམ་གྱི་མིང་འདོགས་ཚུལ་གཞིས་བྱེས་གཉིས་སོ་སོར་ཆགས་འདུག་ལ། མཐོ་རིམ་གྱི་སློབ་གནས་སོ་སོའི་གོ་མིང་ཡང་གཏན་ཁེལ་མེད་པར་སྣ་ཚོགས་ཤིག་སྤྱོད་བཞིན་པས་གོ་མིང་ཕན་ཚུན་གོལ་ས་མང་པ་དང་། གཅིག་གྱུར་མེད་པས་མིང་དོན་བརྡ་འཕྲོད་མི་ཐུབ་པ། དེར་རྟེན་ལག་འཁྱེར་སྤང་ཡིག་སོགས་སུ་སློབ་གནས་གོ་མིང་ག་གེ་མོ་འདི་གང་ཞིག་དང་ཚད་མཉམ་པ་ཡིན་ཞེས་འགྲེལ་ནས་གོ་མིང་གང་དེའི་ཆེ་མཐོང་ལ་གནོད་པ་སོགས། དེ་དང་དེ་འདྲ་བའི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་འདི་ནི་རང་ཅག་གི་སློབ་གསོའི་མ་ལག་འཛུགས་བསྐྲུན་གཅིག་པུ་ཙམ་མིན་པར། རྩོམ་རིགས་དང་ཡིག་བསྒྱུར་སོགས་ཐ་སྙད་དེ་དང་འབྲེལ་བའི་རིག་ཚན་བྱེ་བྲག་པ་ཐམས་ཅད་དང་འབྲེལ་ནས་ཡོད་པ་ནི།  མཁས་མཆོག་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་དཔེར་ན་བོད་ཡིག་གི་དབྱངས་གཅིག་ཉམས་པར་གྱུར་ན་དབྱངས་དེ་ལྡན་གྱི་མིང་མཐའ་དག་མི་གསལ་བར་འགྱུར་ངེས་ཞེས་གསུངས་པ་ནང་བཞིན་ཆགས་ཡོད་པས་གལ་གནད་ཅིག་ཏུ་མཐོང་། དེ་བས་ཆེད་རྩོམ་འདིར་གོང་འཁོད་གནད་དོན་དེ་དག་གི་གོལ་ས་རྣམས་གང་ཐུབ་ཀྱིས་སེལ་ཐབས་སུ་འབད་པའི་ཁུལ་བྱས་ཡོད།

Print Friendly
Share on FacebookTweet about this on TwitterShare on Google+