བོད་ཆིག་སྒྲིལ་སྡོམ་པའི་སྐེ་རགས།

August 17, 2016 By Tsetsoe

༄༅། །སྐད་ཡིག་ནི་མི་དང་མིའི་དབར་གོ་བརྡ་སྤྲོད་ཆེད་ཙམ་ཞིག་མིན་པར། མི་རིགས་ཤིག་གི་ངོ་བོའི་མཚོན་རྟགས་གལ་ཆེན་ཞིག་དང་མི་རིགས་དེ་ཉིད་ཆིག་སྒྲིལ་སྡོམ་པའི་སྐེ་རགས་ལྟ་བུ་ཡིན། དེ་བས་མི་རིགས་དེའི་ཆོས་དང་རིག་གཞུང་། སྒྲུང་གཏམ། ལོ་རྒྱུས། སྙན་ངག ཟློས་གར། སྐར་རྩིས་སོགས་ཡོངས་རྫོགས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ཆ་ཚང་བ་གནས་ཡོད་པ་དེ་དག་གཞན་གྱི་སྐད་ཡིག་ཐོག་མེད་པས། གལ་ཏེ་མི་རིགས་དེའི་སྐད་ཡིག་གཅིག་ནས་བེད་སྤྱོད་གཏོང་བའི་ཁོར་ཡུག་མེད་པ་དང་། གཉིས་ནས་བེད་སྤྱོད་མི་བྱེད་པར་སྣང་མེད་དུ་ལྷག་སོང་ན། མི་རིགས་དེའི་ཆོས་དང་རིག་གཞུང་ལོ་རྒྱུས་སོགས་ཡོངས་རྫོགས་སྟོང་རྒྱུར་ངེས་པར་བརྟེན། དེང་སྐབས་འཛམ་གླིང་ནང་མི་རིགས་ཀྱི་སྐད་ཡིག་དངོས་མིན་རིག་གནས་བཤུལ་བཞག་ལ་བརྩིས་ནས་སྲུང་སྐྱོབ་བྱེད་དགོས་པའི་དོན་གནད་དེར་ཐུག་ཡོད་པ་རེད།[PDF]

Print Friendly
Share on FacebookTweet about this on TwitterShare on Google+