བོད་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས།

July 26, 2016 By Tenzin Pema

༄༅།  །ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བོད་ནང་དུ་བོད་ཀྱི་སྐད་ཡིག་ཉམས་རྒུད་ཚབས་ཆེར་འགྲོ་བཞིན་པ་མ་ཟད།  བོད་རིགས་གནས་སྡོད་ས་ཁུལ་འགའ་ཤས་ལ་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་བའི་ཉེན་ཁར་སླེབས་ཡོད། འོན་ཀྱང་གཞིས་བཞུགས་བོད་མི་ཚོས་བོད་ཀྱི་སྣོད་བཅུད་ལ་བཅངས་པའི་འགྱུར་མེད་བརྩེ་ཞེན་དང། སྙིང་སྟོབས། སེམས་ཤུགས་བཅས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་དུ་རིག་གཞུང་གི་སྲོག་རྩ་ལྟ་བུའི་བོད་ཀྱི་སྐད་ཡིག་གལ་འགངས་ཆེན་པོ་ཡིན་པའི་ཚོར་ཤུགས་ཆེན་པོ་སླེབས་ཏེ།  མང་ཚོགས་ནས་སོ་སོའི་ཤེས་འཇོན་ལ་གཞིགས་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་སླར་གསོ་བྱ་རྒྱུའི་ལས་འགུལ་སྤེལ་བ་དང་། བོད་ཀྱི་སྐད་ཡིག་དེང་དུས་ཀྱི་འཕྲུལ་ཆས་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ལས་སླ་ཞིང་སྟབས་བདེ་པོའི་ངང་བེད་སྤྱོད་བྱེད་ཐུབ་ པར་བལྟས་ན། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་རྒྱུར་དགེ་མཚན་ཆེན་པོ་མཐོང་མོད། བོད་མི་ཚོས་བོད་ཀྱི་སྐད་ཡིག་ལ་ལྷོད་གཡེང་སྣང་མེད་བཏང་ཚེ། བོད་མིའི་ངོ་བོ་སྟེ་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་རྒྱུ་མ་ཟད།  མན་ཇུའི་སྐད་ཡིག་བཞིན་རིམ་པས་རྩ་བརླག་ཏུའང་འགྲོ་ངེས་རེད། དེར་བརྟེན་རྒྱ་གཞུང་ཕྱོགས་ནས་ཀྱང་མི་རིགས་མཐུན་འབྲེལ་སོགས་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྲིད་བྱུས་དོན་ལྡན་གཏན་འབེབས་དང་ལྷག་དོན་ལག་བསྟར་དགོས་གལ་ཆེ་བར་མཐོང་།[PDF]

Print Friendly
Share on FacebookTweet about this on TwitterShare on Google+