བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་སྐད་ཡིག་ སྲིད་བྱུས་དང་ལག་བསྟར།

August 17, 2016 By Tenzin Pema

༄༅། །རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་ཀྱི་བརྒྱ་ཆ་ལྔ་བཅུ་ཙམ་ལ་བོད་རང་སྐྱོང་ལྗོངས་ཞེས་ཕྱི་ལོ་ ༡༩༦༥ ལོར་གསར་བཙུགས་བྱས་ཤིང། དེ་ནི་རྒྱ་གཞུང་གི་དབང་འཛིན་འོག་གི་རང་སྐྱོང་ལྗོངས་ལྔ་པའམ་གསར་ཤོས་དེ་ཆགས་ཡོད། འདས་པའི་ལོ་ལྔ་བཅུ་ཧྲིལ་པོའི་ནང་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སྲིད་བྱུས་གཏན་འབེབས་དང་ལག་བསྟར་འདྲ་མིན་བྱས་ཡོད། ཐོག་མའི་དུས་སུ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་དང། དེ་ནས་ཅུང་གུ་ཡངས་ཀྱི་སྲིད་བྱུས་ལ་བརྟེན་ནས་བོད་སྐད་ཡིག་གི་གནས་སྟངས་རིམ་བཞིན་ཡར་རྒྱས་ཕྲན་བུ་ཕྱིན་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་གི་ནང་སྐད་ཡིག་ཡོངས་རྫོགས་ལ་ཐོབ་ཐང་དང་རང་དབང་ཚད་ལྡན་ཡོད་ཅིང་དཔོན་ རིགས་ཚོས་ཀྱང་མི་རིགས་ཚང་མར་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གོང་འཕེལ་གཏོང་རྒྱུར་རྩ་ཁྲིམས་ཀྱི་ཐོབ་ཐང་དང་རང་དབང་ཆ་ཚང་གནང་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་མོད། དོན་དངོས་ཐོག་“ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ།།”ཞེས་པ་ལྟར་ཁྲིམས་ལུགས་ནང་གསལ་བ་དེ་དག་ལག་བསྟར་མེད་པའི་རྐྱེན་གྱིས་གྲངས་ཉུང་མི་རིགས་ཚོའི་སྐད་ཡིག་དང་རིག་གཞུང་ལ་སྣང་ཆུང་གིས་བེད་མེད་ཟོག་རོ་ལྟ་བུར་འགྱུར་ཏུ་བཅུག་པ་ནི་མིག་མཐོང་ལག་ཟིན་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ཁག་གཙོས་པའི་ཁྲིམས་དང་སྲིད་བྱུས་ཐོག་སྟོན་པའི་མཁས་དབང་རྣམ་པའི་དགོངས་འཆར་ཁག་གཞི་ལ་བཞག་ནས་ད་རེས་རྩོམ་ཡིག་འདིའི་ནང་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སྲིད་བྱུས་གཏན་འབེབས་དང་ལག་བསྟར་ཇི་འདྲ་ཡོད་མེད་སྐོར་ལོ་མཚམས་གསུམ་ལ་བཅད་ནས་གླེང་གི་ཡིན།[PDF]

Print Friendly
Share on FacebookTweet about this on TwitterShare on Google+