ལྟ་ཚུལ་ཕྱོགས་རེ་བ་ཙམ་གྱིས་མི་རིགས་ཧྲིལ་པོ་དགྲར་བལྟ་བ། མི་རིགས་ཀྱི་གནད་དོན་སུས་བཟོ་གི་ཡོད་པ་ཞོར་དུ་གླེང་བ།

July 26, 2016 By Tsetsoe

༄༅། །སྤྱི་ཚོགས་ཀྱི་གནས་བབས་མི་འདྲ་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ལམ་ལུགས་མི་འདྲ་བའི་ཐད་ནས་གནད་དོན་ནམ། ཡང་ན་དོན་རྐྱེན་གཅིག་ལ་ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ཡོང་སྲིད་མོད། མི་རིགས་ཧྲིལ་པོ་དོན་རྐྱེན་བཟོ་མཁན་དང། ཡང་ན་གནད་དོན་ནམ། དོན་རྐྱེན་དེ་དང་དེའི་ཕྱོགས་གཏོགས་དགྲ་བོར་བརྩིས་ནས་དེའི་ཕྱོགས་སུ་བཙན་གྱིས་ཁྱུ་འདེད་བྱེད་པ་ནི་དོན་དངོས་ཐོག་ཕན་ཐོགས་ཡོད་པ་ཞིག་གཏན་ནས་མ་རེད། དེ་ཡང་དངོས་བྱུང་གི་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་ཡིན་ནའང། དེ་སྔའི་ཡོན་རྒྱལ་རབས་སྐབས་སོག་རྒྱལ“ཇིང་གེར་ཧན (ཁཱན) གྱིས་རྒྱ་རིགས་ས་ཁུལ་དབང་དུ་བསྡུས་རྗེས་ངོ་རྒོལ་གྱེན་ལངས་ཡང་ཡང་བྱུང་བའི་རྐྱེན་གྱིས་དེ་ནས་བཟུང་ལོ་ལྟར་དམག་དཔུང་བཏང་སྟེ་རྒྱ་རིགས་མི་གྲངས་ཁྲི་སྟོང་མང་པོ་བཙན་འདེད་བྱས་ནས་རྨ་ཆུའི་ནང་དུ་འདེབས་ཀྱི་ཡོད་པ་དང་། སྐབས་དེར་རྨ་ཆུའི་ནང་དུ་རོ་དང་ཁྲག་གིས་ཁེངས་ཏེ་ནམ་མཁའི་མདོག་ཀྱང་དམར་མདངས་སུ་འགྱུར་བའི” ལོ་རྒྱུས་ཀྱི་གཏམ་རྒྱུད་ནི་སྐབས་དེའི་སྲིད་ཇུས་ཀྱི་རྗེས་འབྲས་ཤིག་ཏུ་གྱུར་ཡོད།  དེ་ནི་སོག་རྒྱལ་ཇིང་གེར་ཧན (ཁཱན) གྱིས་རྒྱ་མི་རིགས་ཡོངས་རྫོགས་སོག་པོའི་སྲིད་དབང་ལ་ཉེན་ཁ་བཟོ་མཁན་དང་། ཡང་ན་གྱེན་ལངས་བྱེད་མཁན་གྱི་ཕྱོགས་གཏོགས་གཅིག་ཡིན་པའི་སྲིད་ཇུས་བཟུང་བ་ཞིག་ཡིན་ནའང། བོད་ཀྱི་དབུ་ཁྲིད་འགྲོ་མགོན་འཕགས་པས་སོག་པོའི་གཏུམ་སྤྱོད་འགོག་ཐབས་གནང་སྟེ་རྒྱ་མི་རིགས་མང་པོའི་སྲོག་སྐྱོབ་མཛད་ནས་ད་ལྟའི་མི་འབོར་མང་བའི་རྒྱ་མི་རིགས་ཀྱི་རྩ་བ་ཚུགས་ཐུབ་པ་བྱུང་བ་རེད།[PDF]

Print Friendly
Share on FacebookTweet about this on TwitterShare on Google+