བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པའི་གསལ་བསྒྲགས།

May 13, 2016

རྩོམ་བསྡུའི་གསལ་བསྒྲགས།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གཉིས་པ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་།                                                   ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༠ བར།

བརྗོད་གཞི་གཙོ་བོ། བོད་དང་བཙན་བྱོལ་བོད་མི། ༼རེ་བ་དང་གདོང་ལེན།༽

ཉིན་གསུམ་གྱི་ཚོགས་འདུ་དང་བརྗོད་གཞི།

  • ཉིན་དང་པོ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། བོད་ནང་གི་བོད་མི་དང་འབྲེལ་བའི་གནད་དོན།
  • ཉིན་གཉིས་པ། བཙན་བྱོལ་ནང་གི་བོད་མིའི་གནད་དོན་དང་། གདོང་ལེན།
  • ཉིན་གསུམ་པ། བོད་དང་བཙན་བྱོལ་བོད་མི་དང་འབྲེལ་བའི་བརྗོད་གཞི་གཞན།

ཚོགས་བཅར་བའི་དེབ་སྐྱེལ།

  • ཚོགས་བཅར་གནང་འདོད་ཡོད་པ་རྣམས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༦ འགྱངས་མེད་དེབ་སྐྱེལ་དང་། རྩོམ་ཡིག་སྙིང་བསྡུས་ ཚིག་འབྲུ་ ༢༠༠ ལས་མི་ཉུང་བ་དང། ༣༥༠ ལས་མི་མང་བ་གཏོང་གནང་ཡོང་བ་ཞུ།
  • དེབ་སྐྱེལ་གྱི་འགེངས་ཤོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་ tibetpolicy.net ཐོག་ནས་ཕབ་ལེན་ཞུ་ཆོག
  • བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་འདི་ནི་རྒྱ་གར་དང་ཕྱི་རྒྱལ་*ཡུལ་ཁག་གི་གཙུག་ལག་སློབ་ཆེན་ནང་ཡོད་པའི་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་ནང་ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་པ་རྣམས་ལ་སྡིངས་ཆ་བསྐྲུན་རྒྱུ།
  • ཚོགས་བཅར་བ་ཡོངས་ཀྱི་ལམ་གྲོན་དང་། བཞུགས་གནས་སོགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གྲ་སྒྲིག་ཡོད།

རྩོམ་བསྡུ་དང་འབྲེལ་བའི་གནད་དོན།

  • རྩོམ་ཡིག་སྙིང་བསྡུས་རྣམས་འདི་ག་ཉམས་ཞིབ་ཁང་གིས་ཞིབ་འཇུག་ཟིན་རྗེས། ༢༠༡༦ ཟླ་ ༨ ཚེས་ ༥ གོང་གཏམ་བཤད་གནང་མཁན་དོ་བདག་སོ་སོར་འབྲེལ་བ་ཞུ་རྒྱུ་ཡིན།
  • རྩོམ་ཡིག་ཚིག་འབྲུ་ ༣༠༠༠ ལས་མི་ཉུང་བ་དང་། ༣༥༠༠ ལས་མི་མང་བ་ ༢༠༡༦ ཟླ་ ༩ ཚེས་ ༣༠ གོང་འདི་ག་ཉམས་ཞིབ་ཁང་དུ་འབུལ་ཟིན་པ་དགོས་རྒྱུ།
  • རྩོམ་ཡིག་དང་གཏམ་བཤད། སྐད་ཡིག(བོད་ཨིན)གང་རུང་ཐོག་གནང་ཆོག
  • ཚོགས་འདུ་དང་འབྲེལ་བའི་དོན་གནད་དྲི་བ་གནང་དགོས་ཚེ། རིག་འཛིན་རྡོ་རྗེ་ལགས་ལ་ཐད་འབྲེལ་གནང་རྒྱུ། འབྲེལ་གཏུག གློག་འཕྲིན ytrsc2015@gmail.com ཁ་པར་ཨང་གྲངས་ 98166 68664

* ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་བཅར་ཞུ་མཁན་རྣམས་ཀྱི་གནམ་གླ་རང་ཉིད་ནས་གཏོང་གནང་ཡོང་བ་ཞུ།

༄༅། །ཚོགས་འདུར་ཞུགས་བློ་ཡོད་ཚེ་ འགེངས་ཤོག་ དང་ ལམ་སྟོན་གསལ་བརྡ་ འདིར་ཕབ་ལེན་གནང་རོགས།།

Print Friendly
Share on FacebookTweet about this on TwitterShare on Google+