བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ།

April 27, 2018

གསལ་བསྒྲགས།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ།

ཕྱི་ལོ་ ༢༠༡༨ ཟླ་ ༠༨ ཚེས་ ༢༢ ནས་ཚེས་ ༢༤ བར། དྷརྨ་ཤཱ་ལཱར་གོ་སྒྲིག་ཞུ་རྒྱུ།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཞི་པ་དེ་བཞུགས་སྒར་དྷརྨ་ཤཱ་ལཱར་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༨ ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་ཚོགས་རྒྱུར་གནང་གཏན་འཁེལ་ཡོད་། འདི་ལོའི་ཉམས་ཞིབ་ཚོགས་འདུའི་ནང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཙུག་ལག་སློབ་ཆེན་ནང་ཡོད་པའི་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་འདྲ་མིན་ནང་ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་པ་རྣམས་ནས་གཤམ་བཀོད་བརྗོད་གཞི་ཁག་དང་འབྲེལ་བའི་གཏམ་བཤད་དང་དཔྱད་རྩོམ་ཕྱོགས་བསྡུས་བྱ་རྒྱུ་ཡིན།

བརྗོད་གཞི་ཁག

༡ བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན།

༢ བོད་ཀྱི་ཁོར་ཡུག

༣ བོད་ཀྱི་ཆོས་དང་རིག་གཞུང་།

༤ བཙན་བྱོལ་བོད་མིའི་གནས་སྟངས།

༥ བོད་ཀྱི་རྒྱལ་རབས་ལོ་རྒྱུས།

༦ བོད་ནང་རྒྱ་ནག་གི་འགོ་འཁྲིད་དང་སྲིད་བྱུས།

༧ བོད་དང་རྒྱལ་སྤྱིའི་འབྲེལ་ལམ།

༨ བོད་ཀྱི་ཤེས་ཡོན་དང་སྐད་ཡིག

ཚོགས་བཅར་དེབ་སྐྱེལ།

  • ཚོགས་བཅར་གནང་འདོད་ཡོད་པ་རྣམས། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༠ འགྱངས་མེད་དེབ་སྐྱེལ་དང་།  རྩོམ་ཡིག་སྙིང་བསྡུས་ཚིག་འབྲུ་ ༢༥༠ ལས་མི་ཉུང་བ་དང། ༣༠༠ ལས་མི་མང་བ་གཏོང་དགོས་པ་ཡིན།

  • དྲ་རྒྱའི་དེབ་སྐྱེལ་གྱི་འགེངས་ཤོག་དགང་དགོས་པ་དང་ཡང་ན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་ www.tibetpolicy.net ནས་དེབ་སྐྱེལ་གྱི་འགེངས་ཤོག་ཕབ་ལེན་ཞུ་ཆོག

  • ཚོགས་འདུ་འདིར་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཙུག་ལག་སློབ་ཆེན་ནང་ཡོད་པའི་བོད་རིགས་སློབ་མ་འབུམ་རམས་པ་དང་། ཉེ་བའི་འབུམ་རམས་པ། དེ་བཞིན་ཉམས་ཞིབ་ལྟེ་གནས་ཁང་ནང་ཉམས་ཞིབ་གནང་བཞིན་པའི་ཉམས་ཞིབ་པ་རྣམས་ནས་ཚོགས་བཅར་གནང་ཆོག

  • ཚོགས་བཅར་བ་རྣམས་ཀྱི་ལམ་གྲོན་དང་། བཞུགས་གནས་སོགས་ཚོགས་འདུ་གོ་སྒྲིག་པས་རྩིས་འབུལ་ཞུ་རྒྱུ།

  • ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཚོགས་བཅར་ཞུ་མཁན་རང་ཉིད་ནས་ལམ་གྲོན་འགན་ཁུར་དགོས་པ་དང་ལྡི་ལཱི་ནས་དྷ་སཱ་བར་སྤྱི་སྤྱོད་རླངས་འཁོར་གྱི་རིན་འབབ་ཚོགས་འདུ་གོ་སྒྲིག་པས་རྩིས་འབུལ་ཞུ་རྒྱུ་ཡིན།

རྩོམ་བསྡུ་དང་འབྲེལ་བའི་གནད་དོན།

  • རྩོམ་ཡིག་སྙིང་བསྡུས་རྣམས་ལ་ཞིབ་འཇུག་ཟིན་རྗེས། ༢༠༡༨ ཟླ་ ༦ ཚེས་ ༡༥ གོང་གཏམ་བཤད་གནང་མཁན་དོ་བདག་སོ་སོར་འབྲེལ་བ་ཞུ་རྒྱུ།

  • རྩོམ་ཡིག་ཚིག་འབྲུ་ ༣༠༠༠ ལས་མི་ཉུང་བ་དང་། ༣༥༠༠ ལས་མི་མང་བ་ ༢༠༡༨ ཟླ་ ༧ ཚེས་ ༡༥ གོང་ཚོགས་འདུ་གོ་སྒྲིག་པར་འབུལ་འབྱོར་ཟིན་པ་དགོས་རྒྱུ།

  • རྩོམ་ཡིག་དང་གཏམ་བཤད་གཉིས་བོད་ཨིན་སྐད་ཡིག་གང་རུང་བཀོད་སྤྱོད་ཆོག།

ཚོགས་འདུའི་སྐོར་དོགས་འདྲི་ཡོད་ཚེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལ་ཐད་ཀར་འབྲེལ་བ་གནང་རོགས། འབྲེལ་གཏུག གློག་འཕྲིན tpiadmin@tibet.net ཞལ་པར་ཨང་གྲངས་ ༨༨༥༡༨༢༢༩༩༠

བོད་ཡིག་ནང་གསལ་བསྒྲགས། [PDF]

Print Friendly
Share on FacebookTweet about this on TwitterShare on Google+