ཐའེ་ཝན་དང་བོད། May 2, 2014Kunga Jigmey ཕྱི་ལོ་༢༠༡༤ཟླ་༤ཚེས་༡༨ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་ནང་འབད་བརྩོན་སྐོར་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་སྐབས་ཐའེ་ལྦན་སྐུ་ཚབ་དོན་གཅོད་བ་རི་ཟླ་བ་ཚེ་རིང་ལགས་ནས“བོད་དང་ཐའེ་ལྦན“ཞེས་པའི་བརྗོད་གཞིའི་སྐོར་གསུང་བཤད་གནང་བའི་སྙིང་བསྡུས་གཤམ་གསལ། ཐའེ་ཝན་གྱི་སྤྱིའི་གནས་སྟངས་དང་བོད་ཐོག་ལངས་ཕྱོགས་སྐོར། ༄༅།།ཐའེ་ཝན་དུ་མི་འབོར་བྱེ་བ་གཉིས་དང་ས་ཡ་གཉིས(༢༢༠༠༠༠༠༠)ཙམ་དང་།དེའི་ནང་རྒྱ་རིགས་མིན་པའི་ཡུལ་མི་མི་རིགས་ཁག་༡༢ཙམ་ལ་མི་འབོར་འབུམ་བཞི་ལྷག་ཡོད།གཞུང་གི་སྲིད་འཛིན་ལས་ཐོག་ནི་རྒྱལ་དམངས་ཚོགས་པའམ་གོ་མིན་ཏང་གི་མཱ་དབྱིན་ཇུའུ་རེད།གྲོས་ཚོགས་ནང་རྒྱལ་དམངས་ཚོགས་པའི་སྤྱི་འཐུས་ཀྱང་ཕྱེད་ལས་བརྒལ་ཡོད།ཕྱོགས་འགལ་ཚོགས་པ་གཙོ་བོར་མང་གཙོ་ཡར་རྒྱས་ཚོགས་པ་ཡིན།དེ་མིན་ཕྱོགས་འགལ་ཚོགས་པ་ཆུང་བ་གཉིས་ལ་འོས་ཤོག་སྤྱིའི་བརྒྱ་ཆ་ལྔ་ཡན་ཐོབ་སྟེ་གྲོས་ཚོགས་ནང་སྤྱི་འཐུས་གསུམ་རེ་ཡོད། [རྒྱས་པ་འདིར་གཟིགས།]