དཔལ་འབྱོར་དང་དམག་དོན་ཆེད་བསྐྲུན་པའི་བོད་ཁུལ་གྱི་ལྕགས་ལམ། December 6, 2014Tenzin Dhetan ༡༽ བོད་ཁུལ་དུ་དུས་རིམ་གསུམ་གྱི་ནང་བསྐྲུན་ཟིན་པའི་ལྕགས་ལམ་ཁག་གཉིས། ཀ༽ མདོ་དབུས་ལྕགས་ལམ། ད་ལྟ་བོད་ཀྱི་ས་ཁུལ་དུ་མདོ་དབུས་ལྕགས་ལམ་དང་དེའི་རྒྱང་སྲིང་ལྷ་གཞིས་ལྕགས་ལམ་གཉིས་བཟོ་སྐྲུན་བྱས་ཚར་ཡོད་པ་རེད། མདོ་དབུས་ལྕགས་ལམ་ནི་མདོ་སྨད་ཟི་ལིང་གྲོང་ཁྱེར་ནས་ལྷ་ས་གྲོང་ཁྱེར་བར་གྱི་ལྕགས་ལམ་ལ་ཟེར་ཞིང་། ཡོངས་གྲགས་སུ་འདིར་མཚོ་བོད་ལྕགས་ལམ་ཟེར། ཡིན་ནའང་མཚོ་བོད་ལྕགས་ལམ་ཞེས་རྗོད་སྐབས་མིའི་རང་བཞིན་གྱི་ཚོར་སྣང་དུ་མཚོ་སྔོན་དང་བོད་སོ་སོ་པ་དང་ཐ་དད་དུ་སྣང་བ་ལྟ་བུ་ཡོང་གི་ཡོད་པས། འདིར་མདོ་དབུས་ལྕགས་ལམ་ཞེས་བརྗོད་ན་སྣང་ཚུལ་དང་གནས་ཚུལ་མིང་དོན་མཚུགས་པ་ཡིན་སྙམ། ལྕགས་ལམ་འདི་ལམ་ཐིག་ཁེར་རྐྱང་ཅན་ཞིག་ཡིན་ཞིང་། མདོ་དབུས་ལྕགས་ལམ་གྱི་དུས་རིམ་དང་པོའི་ལས་གཞི་ཟི་ལིང་ནས་ན་གོར་མོ་བར་གྱི་ལྕགས་ལམ་ནི་སྤྱི་ལོ་ ༡༩༨༤ ལོར་ལེགས་འགྲུབ་བྱུང་བ་དང་། དུས་རིམ་གཉིས་པའི་ལས་གཞི་ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་ནི་སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༧ ཚེས་ ༡ ཉིན་ལེགས་འགྲུབ་བྱུང་ཡོད་པ་དང་། ལྕགས་ལམ་དེའི་རིང་ཚད་ལ་ཀེ་ལོ་མི་ཊར་ ༡༩༥༦ ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ ༣༣༠․༩ བཏང་ཡོད་པ་དང་། ཀེ་ལོ་མི་ཊར་རེ་ལ་སྒོར་ས་ཡ་ ༢༩․༧༨ བཏང་འདུག བཟོ་བཀོད་མགྱོགས་ཚད་འཁྱགས་ས་ས་ཁུལ་དུ་ཆུ་ཚོད་རེར་ཀེ་ལོ་སྨི་ཊ་ ༡༠༠ དང་འཁྱགས་ས་མ་ཡིན་པའི་ས་ཁུལ་དུ་ཆུ་ཚོད་རེར་ཀེ་ལོ་མི་ཊར་ ༡༢༠ ཡིན་པ་་་་་་་་་་་ [རྒྱས་པ་འདིར་གཟིགས]