བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས། May 26, 2014Tenzin Dhetan སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༥ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར། ༡༽ ཉེ་ལམ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༧ བར་ཧྲན་ཞི་ཞིང་ཆེན་རིག་དངོས་ཅུས་ཀྱི་ ༢༠༡༣ ལོའི་བོད་སྐྱོར་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་ཐོག་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བོང་ཤང་དུ་གནས་པའི་གནའ་ཕུག་མཚོའི་ས་ཁོངས་སུ་ཁྱོན་ཡོངས་ནས་གནའ་རྫས་རྟོག་ཞིབ་ཐེངས་དང་པོ་བྱས། ཐེངས་དེའི་བརྟག་དཔྱད་ནང་ཁྱོན་བྲག་བརྐོས་རི་མོ་ཁག་ ༦༡༨ རྙེད་པ་དང་། དེའི་ནང་རི་མོ་ཁག་ ༥༢༩ ནི་གསར་དུ་རྙེད་པ་ཞིག་རེད། དེང་སྐབས་མངའ་རིས་ན་ཕུག་མཚོའི་བྲག་བརྐོས་རི་མོ་བརྟག་དཔྱད་དེ་སྤྱི་ལོ་ ༢༠༡༣ ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་གསར་རྙེད་ཆེ་གྲས་བཅུ་ཡི་མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད་པ་རེད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། མི་དམངས་དྲ་བ་ནས། ཟླ་ ༥ ཚེས་ ༤ ཉིན༽[རྒྱས་པ་འདིར་གཟིགས།]