སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༨ ཚེས་ ༡ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ བོད་མཐོ་སྒང་གི་འབྲོག་སའི་ས་ཁུལ་དུ་ཊོན(Ton 吨)དུང་ཕྱུར་ ༣༥ སླེབས་པའི་སྤུས་ལེགས་རྡོ་སོལ་གྱི་གཏེར་ཁ་ཡོད་པས། དེ་སྔོག་འདོན་གྱི་ཧམ་འདོད་དེ་ཡང་ས་གནས་སུ་མེ་ལྟར་འབར་བཞིན་ཡོད། འདས་པའི་ལོ་བཅུའི་ནང་ཆོག་མཆན་མ་ཐོབ་གོང་སྔོག་འདོན་བྱེད་པ་དང་། ཡང་ན་ཚད་བརྒལ་སྔོག་འདོན། སྔོག་འདོན་བྱེད་ཐབས་བསྒྱུར་བ་སོགས་ཀྱི་བྱ་སྤྱོད་ལ་ཉེས་ཆད་བཅད་ཀྱང་སྔོག་འདོན་གྱི་གོམ་སྟབས་དེ་འགོག་ཐབས་མེད་པར་གྱུར་འདུག ༢༠༡༣ ལོར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཡིག་གཅིག་གིས་ཀྱང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་ ༥% ཇེ་ཆུང་དུ་བཏང་། མ་གཞི་བཀག་སྡོམ་ནང་གནས་ཡོད་པའི་གཏེར་ཁུལ་ཆེན་པོ་གཉིས་བཀག་སྡོམ་ས་ཁུལ་ལས་ཕྱིར་ཕུད། དེར་བརྟེན་གཏེར་ཁུལ་གྱི་སྦགས་བཙོག་དངོས་རིགས་གཏོང་འབུད་ཀྱིས་ད་ལྟ་རྨ་ཆུ་དང་མཚོ་སྔོན་པོ་བཅས་ལ་ཉེན་ཁ་ཐུག་བསྡད་ཡོད། ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས།ཤར་ཕྱོགས་སྔ་དྲོའི་ཚགས་པར་ནས(ཧྲང་ཧའེ)། ཟླ་ ༨ ཚེས་ ༧ ཉིན༽[རྒྱས་པ་འདིར་གཟིགས།]