བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས། June 26, 2014Tenzin Dhetan སྤྱི་ལོ་༢༠༡༤ ལོའི་ཟླ་ ༦ ཚེས་༡ ཉིན་ནས་ཚེས་༡༦ཉིན་བར། ༡༽ཟླ་༥ཚེས་༢༨ནས་ཚེས་༢༩ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་གི་ཤིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་པེ་ཅིན་དུ་འཚོགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམ་པ་དང་།པེ་ཅིན་རང་དུ་བཞུགས་པའི་ཆབ་སྲིད་ཅུས་ཨུ་ཡོན་རྣམ་པ།དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་འགོ་ཁྲིད་པ་རྣམས་ཚོགས་འདུར་ཞུགས།ཚེས་༢༩ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས།ཤིན་ཅང་ལས་དོན་གྱི་རྩ་བའི་དམིགས་ཡུལ་ནི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འགོད་ཡིན་པ་དང་།གཏུམ་སྤྱོད་འཇིགས་སྐུལ་གྱི་བྱ་སྤྱོད་ལ་ངེས་པར་དུ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ནི་མིག་སྔའི་འཐབ་རྩོད་ཀྱི་གཙོ་གནད་དུ་འཛིན་རྒྱུ་མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་བཅས་ཀྱི་འཐབ་ཕྱོགས་གཉིས་ལ་སྐུལ་འདེད་བྱས་ཏེ་རྒྱལ་སྤྱིའི་འཇིགས་རྒོལ་ལ་མཉམ་འབྲེལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་། དུས་མཚུངས་སུ་ལས་ཞུགས་ཨང་དང་པོར་འཛིན་རྒྱུ་དང་སློབ་གསོ་དམིགས་སུ་བཀར་ནས་སྔོན་དུ་སྤེལ་བ་བཅས་ཀྱི་དམངས་འཚོའི་ལས་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་སྐུལ་འདེད་བྱེད་དགོས། ཞེས་བཤད། [རྒྱས་པ་འདིར་གཟིགས།]