སྤྱི་ལོ་ ༢༠༡༤ ལོའི་ཟླ ་༩ ཚེས ་༡ ཉིན་ནས་ཚེས ༡༦ ཉིན་བར།
༡༽ བོད་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ས་གནས་ཁྱད་ཆོས་ཀྱི་ཐོན་ལས་ཡིན་པའི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་ཐང་གའི་སྒྱུ་རྩལ་མཁས་ཅན་རིམ་དཔྱད་ངོས་འཛིན་བྱེད་སྟངས་བཏོན་པ་དང་འབྲེལ་ ༢༠༡༥ ལོར་ས་གནས་ཀྱི་ཐང་གའི་ཚད་གཞིའང་འདོན་རྒྱུ་ཡིན་པ་རེད།
བོད་ཀྱི་ཐང་གའི་སྒྱུ་རྩལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་འབྲེལ་ཐང་ག་ཐོན་ལས་ཅན་དུ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་ནས་ ༢༠༡༥ ལོར་ཐང་གའི་སྒྱུ་རྩལ་མཁས་ཅན་ ༡༠༠ བར་འཕེལ་རྒྱས་གཏོང་རྩིས་ཡོད་པ་དང་ཐང་གའི་ཁེ་ལས་དང་དེ་བཞིན་སྒེར་གཉེར་ཁེ་ལས་དང་སྒེར་གཉེར་བཟོ་ཁང་ ༡༠༠༠ དང་། ལས་ཀ་དེ་བྱེད་མཁན་ཁྲི་ ༡ ལས་མི་ཉུང་བ་བྱེད་རྩིས་ཡོད་ཟེར། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༩ ཚེས་ ༣ ཉིན༽ [འདིར་གཟིགས།]