བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས། December 3, 2013Tenzin Dhetan སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན་ནས་ཚེས་ ༣༠ ཉིན་བར། ༡༽ སྐབས་དགུ་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་བསླབས་གནས་དང་སྐབས་གཉིས་པའི་ཡོངས་འཛིན་འོས་བབ་ཕྱག་ཁྱེར་བཅས་བསྩལ་བའི་མཛད་སྒོ་ཟླ་ ༡༡ ཚེས་༤ ཉིན་པེ་ཅིན་ཞི་ཧོང་དགོན་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཉི་འོད་ཚོམས་ཆེན་ནང་འཚོགས། བསླབས་གནས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གིས་ལྷ་རམས་པའི་དམ་བཅའ་འབུལ་མཁན་རྣམས་ལ་དཔྱད་ཞིབ་ཚད་བསྡུར་ནན་པོ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ལྕམ་མདའ་དགོན་སོགས་ནས་ཡོང་བའི་ཇོ་ནང་བ་དང་དགེ་ལུགས་པའི་རབ་བྱུང་པ་ ༡༡ ལ་ལྷ་རམས་པའི་དགེ་བཤེས་ཀྱི་བསླབས་གནས་བསྩལ་པ་དང་། དུས་མཚུངས་སུ་བོད་ལྗོངས་གཞིས་རྩེའི་ས་སྐྱ་དགོན་ནས་ཡོང་བའི་ཡོངས་འཛིན་བསྟན་པ་དར་རྒྱས་ནང་ཚུད་ཀྱི་དགེ་ལུགས་པ་དང་། རྙིང་མ་པ། བོན་བཅས་ཆོས་ལུགས་ཁག་གི་དགེ་འདུན་པ་ ༡༩ ལ་ནང་བསྟན་མཐོ་རིམ་སློབ་གླིང་ཡོངས་འཛིན་འོས་བབ་ཀྱི་ཕྱག་ཁྱེར་ཐོབ་ཅེས་གནས་ཚུལ་སྤེལ། ༼ཆ་འཕྲིན་འབྱུང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ་ནས། ཟླ་ ༡༡ ཚེས་ ༤ ཉིན༽ [རྒྱས་པ་འདིར་གཟིགས།]