སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
༡༽ ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེགས་རྟགས་ཚོགས་འདུ་ཐེངས་དྲུག་པ་ཚེས ༢༨ ནས་ཚེས ༢༩ ཉིན་བར་དུ་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུའི་སྟེང་གསུངས་བཤད་གནང་། ཚོགས་འདུ་ལས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ནི་མི་རིགས་སོ་སོའི་ཆེས་ཆེ་བའི་དགེ་མཚན་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་བགྲོད་ལམ་ཡང་དག་ཏུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན། ཚོགས་འདུའི་ཐོག་ཏུ་མི་རིགས་ས་ཁུལ་ཁ་ཤས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱ་རྒྱུ་དཀའ་ཁག་ཅུང་ཆེ་བས། ངེས་པར་དུ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་དགོས་ཞེས་བསྟན། ་་་་་་་་ མི་རིགས་མཐུན་སྒྲིལ་བྱ་རྒྱུ་དང་། རྒྱ་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཁྲིམས་ལུགས་ཀྱིས་ཁག་ཐེག་དགོས་ལ། [འདིར་གཟིགས]