སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ ཆབ་མདོར་བཅའ་སྡོད་ཐན་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐན་ཅིན་གྲོང་ཨུད་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་བ་དང་མཐུན་སྦྱོར་བྱས་ཏེ། ཐན་ཅིན་གྱི་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བོད་ཀྱི་ཆབ་མདོའི་གཞི་རིམ་ལས་བྱེད་པ་ཐན་ཅིན་དུ་སློབ་སྦྱོང་བྱེད་པར་བཏང་སྟེ་བོད་ཀྱི་གཞི་རིམ་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་ལས་ཀའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བས་རང་ངོས་འཕེལ་ནུས་ཟབ་ཏུ་བཏང་། གསར་འགོད་པས་ཁག་བདུན་པའི་ཐན་ཅིན་བོད་སྐྱོར་ལས་དོན་རུ་ཁག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ཐན་ཅིན་བོད་སྐྱོར་ལས་དོན་རུ་ཁག་གིས་དུས་ཡུན་ལོ་གསུམ་སྤྱད་དེ་ལོ་ལྟར་ཐན་ཅིན་དུ་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས་ ༤ འཚོག་རྒྱུ་དང་སྐབས་ཐེངས་རེར་མི་ ༥༠ ལ་གསོ་སྦྱོང་བྱས་ཏེ་ལོ་གསུམ་ནང་བོད་ཀྱི་ཆབ་མདོའི་གཞི་རིམ་ལས་བྱེད་པ་ ༦༠༠ གསོ་སྦྱོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ༼ཆ་འཕྲིན་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ནས། ཟླ་ ༡༢ ཚེས་ ༡༩ ཉིན༽[རྒྱས་པ་འདིར་གཟིགས]