སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡༡ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར།
ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཁ་ན་ཊའི་ཀྲུང་གོའི་རིག་གནས་ཡར་སྐུལ་ཚོགས་པ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི“༢༠༡༤ ལོའི་ཁ་ན་ཊའི་བོད་ལྗོངས་རིག་གནས་གཟའ་འཁོར ”ཟླ་ ༡༡ ཚེས་ ༢ ཉིན་ནས་ཚེས་༡༥ ཉིན་བར་ཁ་ན་ཊའི་ཝེན་ཁོ་ཝུར(Vancouver 温哥华) གྲོང་ཁྱེར་དང་ཊོ་རོན་ཊོ(Toronto 多伦多)གྲོང་ཁྱེར་སོགས་སུ་སྤེལ་རྒྱུ་ཡིན་ཞིང་། འདི་ནི་ཀྲུང་གོའི་སྲིད་གཞུང་གིས་ཁ་ན་ཊར་སྤེལ་བའི་བོད་ལྗོངས་རིག་གནས་གཟའ་འཁོར་ཐེངས་གཉིས་པ་རེད། ངོ་སྤྲོད་བྱས་དོན་ལྟར་ན། རིག་གནས་གཟའ་འཁོར་རིང་བོད་ཀྱི་རིག་རྩལ་དགོང་ཚོགས་དང་། ཐང་ག་དང་གློག་བརྙན་འགྲེམས་སྟོན། ཤེས་ལྡན་མི་སྣ་ཕན་ཚུན་དགོངས་འཆར་བརྗེ་རེས་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས། བོད་ལྗོངས་རིག་གནས་གཟའ་འཁོར་བྱེད་སྒོའི་འཐུས་མིའི་ཚོགས་པའི་ཚོགས་གཙོ། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་མཛད་སྒོའི་ཐོག་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་དང་འཛམ་གླིང་རིག་གནས་བང་མཛོད་ཁྲོད་ཀྱི་མུ་ཏིག་ལྟ་བུ་ཡིན་པས། ཁ་ན་ཊའི་ལས་རིགས་སོ་སོའི་མང་ཚོགས་ཚོས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་བོད་ཀྱི་རིག་གནས་ལ་སྒོ་ཀུན་ནས་རྒྱུས་མངའ་གཏིང་ཟབ་པོ་བྱེད་ཐུབ་ཅེས་བཤད།[འདིར་གཟིགས]