སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༡༦ ཉིན་ནས་ཚེས་ ༣༡ ཉིན་བར།
༡༽ ཟླ་ ༣ ཚེས་ ༡༩ ཉིན་ཀོང་ཀྲའོ་པེའེ་ཡུན་གནམ་ཐང་ནས་འགྲུལ་པ་ ༡༢༡ བླུགས་པའི་མཁའ་འགྲུལ་གནམ་གྲུ་ A319 ཞིག་བོད་ལྗོངས་ཤར་ལྷོའི་ཉིང་ཁྲི་ས་ཁུལ་གྱི་སྨན་གླིང་གནམ་ཐང་དུ་བབས་པ་དང་། དེ་ཐོག་ནས་ཀོང་ཏུང་ཀོང་ཀྲའོ་ནས་བོད་ལྗོངས་ཉིང་ཁྲིར་ཐད་འཕུར་བྱེད་པའི་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་མཚོན་ཡོད་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ས་ཁུལ་ནི་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་བོད་ལྗོངས་སུ་གསར་དུ་བཏོད་པའི་ཐད་འཕུར་མཁའ་ལམ་ས་ཚིགས་ཨང་གཉིས་པ་ཡིན་ལ་ཀོང་ཀྲའོ་ནས་བོད་ལྗོངས་ས་མཐོར་འཕུར་སྐྱོད་བྱེད་པའི་ཐད་འཕུར་མཁའ་ལམ་ཨང་དང་པོ་དེ་འང་ཡིན། ཐད་འཕུར་མཁའ་ལམ་དེས་ཀོང་ཀྲའོ་ནས་བོད་ལྗོངས་ཉིང་ཁྲི་བར་དེ་སྔོན་ཉིན་གཉིས་དང་མཚན་གཅིག་དགོས་པའི་ལམ་ཐག་དེ་ཆུ་ཚོད་ ༣.༥ བར་ཐུང་དུ་བཏང་བས་མུ་མཐུད་བོད་ལྗོངས་སུ་ཡུལ་སྐོར་བྱ་རྒྱུ་སྟབས་བདེ་རུ་བཏང་ཡོད་པ་རེད། བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་མཁའ་འགྲུལ་གྱི་སྐྱེལ་འདྲེན་ནུས་པ་མཐོ་རུ་གཏོང་ཆེད། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ད་དུང་དུས་ཚིགས་འཁྲུག་པའི་སྐབས་ཀོང་ཀྲའོ་ནས་ལྷ་ས་བར་གྱི་ཐད་འཕུར་གནམ་གྲུ་ཤར་གཏོང་བྱ་རྒྱུ་མ་ཟད་རིམ་བཞིན་ཀོང་ཀྲའོ་ནས་ཉིང་ཁྲི་བར་གྱི་མཁའ་ལམ་ཐོག་ཉིན་ལྟར་གནམ་གྲུ་ཐེངས་གཅིག་མང་དུ་གཏོང་རྒྱུའི་འཆར་གཞི་འདུག ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས། ཟླ་ ༣ ཚེས་ ༢༠ ཉིན༽[རྒྱས་པར་འདིར་གཟིགས]