བོད་དང་རྒྱ་ནག་ནང་ཁུལ་གྱི་གལ་ཆེ་གསར་འགྱུར་མདོར་བསྡུས། January 15, 2014Tenzin Dhetan སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༡ ཉིན་ནས་ཚེས་ ༡༦ ཉིན་བར། ༡༽ ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཆེན་ནང་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་སྐོང་ཚོགས་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་སོགས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་རྣམ་པ་དང་། དམངས་གཙོ་ཏང་ཤོག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། དེ་བཞིན་རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་བཅས་དང་དགའ་འཛོམས་གནང་སྟེ་ ༢༠༡༤ ལོའི་གནམ་ལོ་གསར་ཚེས་མཉམ་དུ་བསུས་ཟེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་དུས་བསྟུན་འཕེལ་རྒྱས་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། འཚོལ་ཞིབ་ཧུར་ཐག ལག་ལེན་བྱེད་ཕོད་བཅས་ཀྱི་སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་བཏང་ནས་སྒྱུར་བཅོས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་མཁན་དང་ལག་ལེན་ཧུར་ཐག་བྱེད་མཁན་བརྩོན་ལེན་བྱེད་པ་དང་། ལས་ལ་བརྩོན་པའི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལག་ལེན་ཁྲོད་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས། ཞེས་ནན་བཤད་བྱས། ༼ཆ་འཕྲིན་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་ནས། ཟླ་ ༡ ཚེས་ ༢ ཉིན༽[རྒྱས་པ་འདིར་གཟིགས།]