བྱམས་པ་བསྟན་འཛིན།
སྤྱི་བཤད།
ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་ལྟ་བར་བོད་ནང་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་དོན་རྐྱེན་ ༡༣༥ བྱུང་ཡོད། སྤྱིར་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་མཁན་རྒྱལ་ཞེན་ཅན་ཚོས་བོད་པའི་མངོན་འདོད་དང་མ་མཐུན་པའི་རྒྱ་གཞུང་གི་སྲིད་བྱུས་དེ་ཚོར་འགྱུར་བ་གཏོང་དགོས་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས་པ་སོགས་ཀྱི་རེ་འདུན་བཏོན་ཡོད་པར་རྩོད་པ་མེད་ཀྱང་། རྩོམ་པ་པོའི་བསམ་པར་ཁོ་ཚོའི་ངོ་རྒོལ་གྱི་མཐར་ཐུག་དམིགས་ཡུལ་ནི་བོད་པ་རང་ཉིད་ཀྱི་སྐད་དང་། ཡི་གེ རིག་གཞུང་། ཆོས། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་ལ་འཇིག་ཉེན་མེད་པར་མུ་མཐུད་རྒྱུན་འཛིན་གཅེས་ཉར་བྱེད་ཐུབ་པའི་ཆེད་དུ་རེད་ལ། དེ་འཛམ་གླིང་ཐོག་དེང་སྐབས་ཡོངས་གྲགས་ཡིན་པའི“བོད་པའི་འཐབ་རྩོད”དམ། “བོད་དོན”ཞེས་པའི་སྙིང་པོ་ཡང་རེད་སྙམ། ནམ་ཞིག་བོད་པ་རང་གི་སྐད་དང་། ཡི་གེ རིག་གཞུང་། ཆོས། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་སོགས་ཤུལ་མེད་དུ་སོང་ནས་བོད་པ་དང་རྒྱ་མི་ངོ་བོ་དབྱེར་མེད་དུ་གྱུར་བ་ཡིན་ན། རྒྱ་གཞུང་གིས་བོད་པར་རང་དབང་གང་དང་གང་སྤྲད་ཀྱང་བོད་པར་རང་ཉིད་རྒྱ་མི་ལས་ལོགས་སུ་དགར་བ་ཞིག་ཡིན་པའི་གྲུབ་བྱེད་གང་ཡང་སྟོན་རྒྱུ་མེད་པར་བོད་པའི་ངོ་བོ་རྩ་བརླག་ཏུ་འགྲོ་ངེས་རེད།
རྒྱལ་ཁབ་གཞན་གྱི་སྔོན་བྱུང་དཔེ་མཚོན་དང་བསྡུར་ནས་བོད་པའི་རང་ལུས་མེར་སྲེག་གི་གྲུབ་འབྲས་ལ་གདེང་འཇོག་བྱས་ན་ཏག་ཏག་མ་རེད།
སྤྱིར་ཕྱི་ལོ་ ༡༩༦༣ ལོའི་ནང་ཝེ་ཊི་ནམ་ལྷོ་མའི་རང་ལོ་དྲུག་ཅུ་རེ་བདུན་ལ་སོན་པའི་རབ་བྱུང་བ་ཐིག་ཆྭོང་གྲག་གིས་གྲོང་ཁྱེར་སད་གུན་གྱི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ནས། སྲིད་གཞུང་གིས་རབ་བྱུང་བའི་སྡེར་སུན་བཙེར་སྣ་མང་བྱས་པར་ངོ་རྒོལ་བྱས་པར་བརྟེན། ས་གནས་མི་མང་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་ནས་ཡུལ་དེའི་སྲིད་དབང་སྒེར་འཛིན་བྱེད་མཁན་བུ་སྤུན་གཉིས་དབང་ཆའི་ཁྲི་ནས་ཕབ་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་ཆེས་ཉེ་དུས་ཕྱི་ལོ་ ༢༠༡༠ ལོར་ཨ་རབ་ཡུལ་གྲུ་སྤྱི་དང་། དམིགས་བསལ་ཏུ་ཎི་ཤི་ཡའི་ནང་སྤྱི་དམངས་དཀྱུས་མ་མོ་ཧཱ་མི་དྷི། བྷོ་ཝ་ཛི་ཛི་ཟེར་བ་ཞིག་གིས་རང་ལུས་མེར་བསྲེགས་ནས་སྲིད་གཞུང་ལ་ངོ་རྒོལ་བྱས་པར་བརྟེན་ཡུལ་དེའི་སྲིད་དབང་སྒེར་འཛིན་ལམ་ལུགས་ཧ་ལམ་འཕྲལ་མ་ཉིད་དུ་མགོ་རྟིང་ལོག་པའི་གནས་ཚུལ་བྱུང་ཡོད་པ་སོགས་རང་ལུས་མེར་སྲེག་གི་ངོ་རྒོལ་ལ་བརྟེན་ནས་བདེན་པའི་མཐའ་སེལ་ཐུབ་པ་བྱུང་ཡོད་པའི་སྔོན་བྱུང་དཔེ་མཚོན་ཁ་ཤས་ཡོད་པ་དོན་དངོས་ཡིན་ཀྱང་། དེ་ཚོ་ཚད་དུ་བཞག་ནས་ང་ཚོའི་སྤུན་ཟླ་ཚོས་རང་ལུས་མེར་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གྲུབ་འབྲས་་་ [རྒྱས་པ་འདིར་གཟིགས]