རྒྱ་གཞུང་གི་སྲིད་ཇུས་འོག་བོད་ནང་གི་ཆོས་ལུགས་གནས་སྟངས་གླེང་བ། August 20, 2014Kunga Jigmey ཚེ་བསོད། ༄༅། །”དགོན་པའི་དོ་དམ་གསར་གཏོད”ཅེས་བོད་རང་སྐྱོང་ལྗོངས་ཟེར་བའི་དགོན་པ་ཡོད་ཚད་ལ་དོ་དམ་སློབ་གསོའི་ལས་འགུལ་སྤེལ་ཏེ། ས་ཁོངས་དེ་ཡོངས་སུ་རྒྱ་ནག་ནང་ཁུལ་གྱི་དྲིལ་བསྒྲགས་ཁོ་ན་ལས་ཕྱི་ཕྱོགས་ཀྱི་གནས་ཚུལ་སོགས་རྩ་བ་ནས་གོ་ཐོས་མེད་པ་བཟོ་རྒྱུ་ཡིན་ཟེར། དེ་ཡང་རྒྱ་དཔོན་ཁྲེན་ཆོན་གོས”གནས་གསུམ་གཞི་གཅིག”གི་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས། རྒྱ་གཞུང་གི་སྐད་སྒྲ་དང་གཟུགས་བརྙན་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་ ༡༢༠ ལྷག་ཙམ་གྱི་མངའ་ཁོངས་ནང་མཐོང་ཐོས་ཐུབ་པ་དང། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བརྙན་མཐོང་ཐོས་མེད་པ་བཟོ་དགོས”ཞེས་བཙན་ཤུགས་ཀྱི་དྲིལ་བསྒྲགས་འོགབོད་ནང་གི་དགོན་སྡེ་ཁག་ལ་དམིགས་བསལ་གྱི་དོ་དམ་ནན་པོ་བྱེད་པ་ཕུད། “ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ”ཞེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ནས”དགོན་སྡེ་ཁག་ལ་ཁྱོན་བསྡོམས་ལས་དོན་རུ་ཁག་ཟེར་བ་ ༦,༥༧༥ དུས་གཅིག་ཏུ་མངག་གཏོང་བྱས”པ་དང། དེའི་ནང་ཚན་པ་མི་འདྲ་བ། དགོན་པ་དོ་དམ་ལྷན་ཁང་དང། དགོན་པར་བཅའ་སྡོད་ལས་དོན་རུ་ཁག ཉེན་རྟོག་ཁང་། མེ་ཟོན་རུ་ཁག དྲག་ཆས་ཉེན་རྟོག་དམག་མི་སོགས་ཡོད་པ། དོན་དངོས་ཐོག་རྣམ་པ་མི་འདྲ་བ་ཙམ་ལས་དམག་མི་དང་ཉེན་རྟོག་པ་ཤ་སྟག་ཡིན་པ་རེད། རྒྱས་པ་འདིར་གཟིགས།