༄༅། །རྒྱལ་ཞེན་ཞེས་པ་ནི་སྤྱིར་ན་རང་གི་རྒྱལ་ཁབ་ལ་ཞེན་པའམ་དགའ་བ་ལ་ཟེར། དེས་ན། ཞེན་ཡུལ་གྱི“རྒྱལ་ཁབ”ཅེས་པ་འདི་ལ་གོ་བ་འགའ་ཡོད་པ་ལས་རེ་གཉིས་ཙམ་ཞུས་ན།
༡. རྒྱལ་ཁབ་ཅེས་པ་དབྱིན་ཡིག་གི་སྐད་དོད་ནེ་ཤོན nation[]ནི་ལ་ཏིན་གྱི་ཡི་གེ་ན་ཤོ natio ཞེས་པ་ལས་བྱུང་བ་དང་། དེའི་དབྱིན་ཡིག་གི་གོ་དོན་ནི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་བཅས་ལྡན་པའི་མིའི་རིགས་རྒྱུད་ཚོགས་པ་ཞིག་གམ་ཡང་ན་ཚོགས་སྡེ་ཞིག་ས་ཁུལ་ཅིག་ཏུ་གནས་པ་ལ་གོ་བ་དང་། ཡང་ན་ཀིང་ཌོམ Kingdom[]སྟེ་རྒྱལ་པོའམ་རྒྱལ་མོ་གང་རུང་ཞིག་གིས་ཁྲིམས་ཀྱིས་དབང་སྒྱུར་བའི་མངའ་ཁོངས་ལ་གོ་བ། ཡང་རྒྱལ་ཁབ་ཅེས་པའི་རྒྱ་ཡིག་གི་སྐད་དོད་གོ“国”[]ཞེས་པའི་ཚིག་ངོས་ཀྱི་བསྟན་དོན་ནི་ས་ཁོངས་ངེས་ཅན་ཞིག་དང་དེར་གནས་པའི་མི་དམངས་ཀྱི་བདག་དབང་བསྟན་ཡོད་ལ་དེ་ཡང་ལན་རེར་གནའ་བོའི་རྒྱ་ནག་གི་ལོ་རྒྱུས་ཁྲོད་གསལ་བའི “རྒྱལ་དམངས”ལྟ་བུ་རྒྱལ་པོས་དབང་སྒྱུར་བའི་གྲོང་ཁྱེར་གྱི་མཁར་ནང་དུ་གནས་པའི་མི་ཁོ་ནར་གོ་དུས་ཀྱང་ཡོད། དེས་ན། ཕྱི་སྐད་གོ“国”དང། “ནེ་ཤོན nation”སོགས་བོད་ཀྱི་སྐད་དོད“རྒྱལ་ཁབ”ཅེས་པ་འདི་ནི་རྒྱལ་པོ་ལ་དབང་བའི་མངའ་ཐང་ལ་གོ། ཡིན་ན་ཡང་གོ་བ་འདི་དག་གནའ་དུས་ཀྱི་གོ་བ་ཡིན་པར་མ་ཟད་ཚིག་རེ་རེའི་ནག་པོ་འབྲུ་འགྲེལ་ཡིན་དུས། དེང་སང་གི་གོ་བ་དང་ཅུང་མི་འདྲ་བ་ཡོད། ཉེ་རབས་ལོ་རྒྱུས་སུ་རྒྱལ་ཁབ་སོ་སོའི་སྲིད་ལུགས་མི་འདྲ་བ་གསར་པ་སྣ་ཚོགས་ཤིག་བྱུང་བས། “སྤྱི་མཐུན་རྒྱལ་ཁབ”དང“མི་སེར་རྒྱལ་ཁབ།” “མང་གཙོའི་རྒྱལ་ཁབ”སོགས་ནི་སྲིད་ལུགས་མི་འདྲ་བའི་དབང་གིས་ཁྱད་ཚིག་རེ་སྦྱར་བ་ལས་རྒྱལ་ཁབ་ཡིན་པ་ནི་གཅིག་མཚུངས་ཡིན། དེས་ན“རྒྱལ་ཁབ”ཅེས་པ་ཆབ་སྲིད་གཅིག་གིས་ཁྱབ་པའི་མིའི་ཚོགས་སྡེ་ཆེན་པོ་ཞིག་ཡིན་པས་ན། [Pdf]