༄༅། །བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཁྲིམས་ཐོག་ནས་ཡོད་ཀྱང་ལག་བསྟར་དུ་མེད།

May 27, 2014 By Tenzin Pema

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་དུ་སླར་ཡང་ཁྲིམས་ཡིག་ཅིག་བཟོ་འགོ་བཙུགས་ཡོད། ཁྲིམས་གསར་པ་དེ་ཟིན་བྲིས་ཐོག་ལ་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དབར་ལ་བགྲོ་གླེང་འགྲོ་བཞིན་པ་རེད། ང་ཚོས་ཟིན་བྲིས་སུ་ཡོད་པའི་ཁྲིམས་འདི་ཟླ་བ་དགུ་པར་ཁྲིམས་ཡིག་ངོ་མ་ཆགས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་དྲི་བ་དེ་གང་རེད་ཅེ་ན། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐུབ་པའི་ཁྲིམས་ཡིག་སྔོན་ནས་བཟོས་ཟིན་པས། ཁྲིམས་ཡིག་གསར་པའི་དགོས་མཁོ་ག་རེ་ཆགས་ཀྱི་ཡོད་དམ།

རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་དང་། ཁྲིམས་ཡིག བཅའ་ཡིག་ཁག་གི་ནང་དུ་ཆ་རྐྱེན་ཚང་མ་གཏན་འབེབས་བྱས་ཡོད་ཀྱང་། ཕན་ཐོགས་ཡོད་པའི་ཆ་རྐྱེན་དེ་དག་ལག་བསྟར་བྱས་མེད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཁྱབ་སྤེལ་ཆེད་དུ་ཁྲིམས་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ། གཞུང་གི་དབང་འཛིན་པ་རྣམས་ཀྱིས་ཁྲིམས་ཡིག་དེ་དག་ལག་བསྟར་མ་བྱས་པའི་དཀའ་ངལ་ཡོད་ཅིང་། ཁྲིམས་ཡིག་དེ་དག་ལག་བསྟར་མ་བྱས་པ་ལ་བརྟེན་ནས་བོད་མི་རྣམས་ལ་སོ་སོའི་ངོ་བོ་དང་རིག་གཞུང་ཐོག་ནས་སེམས་ཁྲལ་ཡོང་གི་ཡོད། [རྒྱས་པ་འདིར་གཟིགས།]

Print Friendly, PDF & Email