བོད་ནང་གི་སྒེར་བཙུགས་སློབ་གྲྭའི་གྲུབ་འབྲས།

January 9, 2015 By Tenzin Pema
 མི་སྒེར་གཅིག་གི་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུ་དང་མི་རིགས་སམ་རྒྱལ་ཁབ་ཅིག་ཡར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན་སྤྱི་སྒེར་ཚང་མས་ཤེས་ཡོན་གལ་ཆེར་བརྩི་རྒྱུ་མ་ཟད་ལག་ལེན་དུ་འཁེལ་རྒྱུ་དེ་ཡང་གལ་ཆེན་པོ་རེད། དེར་བརྟེན་ཤེས་ཡོན་ཚད་ལྡན་ཞིག་སྤྲོད་པར་གལ་ཆེའི་དགོས་མཁོ་ཁག་གི་ནང་ནས་གཅིག་ནི་མཐུན་རྐྱེན་འཛོམས་པའི་སློབ་གྲྭ་ཚད་ལྡན་དགོས་པ་དེ་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་ས་ཡ་ཆིག་སྟོང་གསུམ་བརྒྱ་བཞི་བཅུའམ་དུང་ཕྱུར་ ༡༣་༤ གནས་སྡོད་ཀྱི་ས་ཆར་སློབ་གྲྭ་ཚད་ལྡན་རྒྱག་རྒྱུ་དང་མཐུན་འགྱུར་མུ་མཐུད་སྦྱོར་རྒྱུ་ལས་སླ་པོ་ཞིག་གཏན་ནས་མིན་པས་ས་ཁུལ་མང་པོར་སློབ་གྲྭ་བཙུགས་མི་ཐུབ་པའི་གནས་སྟངས་དང་། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡིག་རྨོངས་བརྒྱ་ཆ་ ༤་༠༨ དང་༼༢༠༡༠ ལོའི་མི་འབོར་ཞིབ་བཤེར་༽མི་འབོར་བྱས་ན་ས་ཡ་ལྔ་བཅུ་ང་བཞི་ཡིག་རྨོངས་ཡིན་པ། དེའི་ནང་ནས་ཡིག་རྨོངས་ཀྱི་བརྒྱ་ཆ་མཐོ་ཤོས་ནི་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཆགས་ཡོད། [རྒྱས་པ་འདིར་གཟིགས]

 

 

 

Print Friendly, PDF & Email