ཐུན་མོང་གི་གཞི་རྟེན་འཚོལ་བ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀྱི་ཐབས་འཇུས་གསར་པ། September 12, 2024Contributor བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག ༼ཐུན་མོང་གི་གཞི་རྩ་འཚོལ་བ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ཀྱི་ཐབས་འཇུས་གསར་པ།༽ ཞེས་པའི་བརྗོད་གཞིའི་ཐོག ༢༠༢༤ ཟླ ༩ ཚེས ༡༠ ཉིན་གངས་ཅན་སྐྱིད་གཤོངས་དུ་ཚོགས་ཡོད་པ་དང་། སྐད་ཡིག་གསུམ་ལྡན་(བོད་རྒྱ་དབྱིན)་གྱི་ཚོགས་འདུ་འདི་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱི་ཕེབས་བསུ་གཏམ་བཤད་ལས་འགོ་འཚུགས་པ་དང་། ཚོགས་ཐོགས་ཏུ་ཐེ་ཝན་དང་ཨ་རི། རྒྱ་གར་བཅས་སུ་གནས་སྡོད་བྱེད་མུས་ཡིན་པའི་རྒྱ་རིགས་དམངས་གཙོ་རྩོད་ལེན་པ། ཧོང་ཀོང་རང་དབང་རྩོད་ལེན་པ། འབར་མ་རང་དབང་རྩོད་ལེན་པ། བོད་རང་དབང་རྩོད་ལེན་པ་བཅས་གྲུབ་པའི་བགྲོ་གླེང་ཚོགས་འདུ་ཞིག་ཡིན་པ་ངོ་སྤྲོད་བྱས་སོང་། བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་པ་གྲགས་ཅན་ཁག་ཅིག་བཅར་ཡོད་དེ། པེ་ཅིང་དཔྱིད་ཀའི་དུས་དེབ་ཀྱི་གཞི་བཙུགས་ཚོགས་མི་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་འགན་འཛིན (Yu Dahai) ཡུ་ཌ་ཧའེ་དང་། ཐའེ་ཝན་དང་འབར་མའི་མི་སེར་མཐུན་ཚོགས་ཀྱི་ཚོགས་གཙོ་(Ko Ko Thu) ཀོ་ཀོ་ཐུ་ལགས། མཐུན་ཚོགས་དེའི་ཚོགས (Yang Wangli) མི་ཡཱང་ཝང་ལི། ཐེ་ཝན་ཧོང་ཀོང་མཐུན་ཚོགས་ཀྱི་ཚོགས་གཙོ་(Sang Pu)སང་ཕུ་ལགས། དེ་བཞིན་ཐེ་ཝན་ནས་ཡོང་བའི་བོད་དོན་རྒྱབ་སྐྱོར་བ་ (Yingjun)ཡིངྒ་ཅུང་བཅས་ཡིན། བགྲོ་གླེང་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་དང་། ཉམས་ཞིབ་པ་ཕན་ཐོགས་ལགས། ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་བཅས་ཀྱིས་གཏམ་བཤད་གནང་ཡོད། མཉམ་ཞུགས་གནང་མཁན་ཚོའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་ཚོགས་མི། བོད་མི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་སྐོུ་དྲུང་ཆེ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་བཞུགས་གནང་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་བཤད་ནང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་མི་འདྲ་བའི་ཆ་རྣམས་ཕྱོགས་གཅིག་ཏུ་བཞག་སྟེ་ཨེ་ཤ་ཡའི་ས་ཁུལ་ཡོངས་སུ་མང་གཙོའི་ལས་འགུལ་སྤེལ་རྒྱུའི་གཅིག་གྱུར་གྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དེ་ཡིན་པར་མ་ཟད། ཐེ་ཝན་གྱི་འཐབ་རྩོད་དང་། བོད་རིགས། ཧོང་ཀོང་། འབར་མའི་མི་རིགས་བཅས་ཀྱི་རང་བཞིན་དང་ཚད་གཞི་མི་འདྲ་བ། བཙན་གནོན་འོག་ཡོད་པའི་སྤྱི་ཚོགས་འདི་དག་གི་མཐའ་མའི་དམིགས་ཡུལ་ནི་རང་དབང་དང་རང་ཐག་རང་གཅོད་ཡིན་པས། འདི་ནི་མཉམ་རུབ་ཀྱི་ཐབས་ལམ་གྱིས་འཐབ་ཇུས་ཀྱི་གལ་ཆེའི་ལྟ་བ་དེ་ཕྲ་མོའི་ངང་མཚོན་ཡོད་པ་དང་། དེས་མི་འདྲ་བའི་ཁེ་ཕན་དང་སྐབས་འགར་འགལ་ཟླའི་ཁེ་ཕན་ཡོད་ཀྱང་། ཐུན་མོང་གི་ངོ་བོ་ཞིག་བསྐྲུན་ན་ཚང་མས་མཉམ་རུབ་ཀྱི་སྐད་ཤུགས་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ། བགྲོ་གླེང་ཚོགས་འདུ་དེ་ཚོགས་ཐུན་བཞི་ལ་དབྱེ་ནས་གསུང་བཤད་པ་གཉིས་དང་གཙོ་སྐྱོང་བ་རེ་རེའི་རྗེས་སུ་དྲི་བ་དྲིས་བཅས་ཀྱི་འགོ་ནས་ཚོགས་ཡོད། ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་ཉམས་ཞིབ་བདེ་ཆེན་དཔལ་མོ་ལགས་ཡིན་པ་དང་། ཐོག་མར་གཏམ་བཤད་པ་སང་ཕུས་གལ་ཆེའི་དོན་རྐྱེན་ལ་བསྐྱར་ཞིབ་གནང་བ་དང་། ༡༩༩༧ ལོར་ ༢༠༢༠ ལོའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་ལ་རྩིས་སྤྲོད་བྱས་པ་དང་ཁོང་གི་ཚོགས་པའི་འགོག་ཐབས་གཉིས་ལྡན་གྱི་ཐབས་ལམ་ལ་གྲོས་བསྡུར་བྱས་པ་དང་། སུང་ཕུ་ཡིས་ཧོང་ཀོང་གི་གནས་སྟངས་མགྱོགས་མྱུར་ཉམས་རྒུད་འགྲོ་བཞིན་པ་གསལ་སྟོན་བྱས་ཏེ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་གོམ་པ་མདུན་བསྐྱོད་བྱ་རྒྱུའི་གལ་ཆེ་ཡིན་པར་གསུངས། གསུང་བཤད་གཉིས་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་བོད་དང་ཐའེ་ཝན་གཉིས་ཀྱི་བར་ལ་ཐུན་མོང་གི་གཞི་རྩ་འཚོལ་བའི་སྐོར་གསུང་བཤད་གནང་ཡོད། ཁོས་ང་ཚོར་དོན་སྙིང་ལྡན་པའི་གྲོས་ཆོད་དང་ཐེ་གཏོགས་མེད་པའི་གནས་ཚུལ་གྱི་སྐོར་གཏམ་བཤད་བྱས་ཤིང་། ཐའེ་ཝན་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ཀྱི་ནང་བོད་དང་ཐུན་མོང་གི་གནས་བབ། གལ་སྲིད་མ་འོངས་པར་ཐེ་ཝན་ནང་ཆབ་སྲིད་ཚོགས་པ་མང་བ་འཛུགས་ཆོག་པ་བྱུང་ཚེ་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུའི་རེ་བ་དང་། ཁོང་གི་གཏམ་བཤད་ཀྱི་བརྗོད་སྙིང་ནི་ཐེ་ཝན་དང་བོད་དབར་ཕན་ཚུན་གྱི་གཞི་རྩ་ཞིག་ངོས་འཛིན་བྱེད་རྒྱུ་དང་། ཐེ་ཝན་དང་འབྲེལ་བའི་ཆབ་སྲིད་ཀྱི་ཁོར་ཡུག་སྣ་ཚོགས་ལ་གཞིགས་ནས་འཐབ་ཇུས་མཐུན་སྒྲིལ་གྱིས་འཁྱེར་ཐུབ་པ་ཡོང་རྒྱུ། འཐབ་ཇུས་དེས་ཐེ་ཝན་དང་བོད་ནི་རྒྱ་ནག་གི་མདུན་སྒོ་དང་རྒྱབ་སྒོ་གཉིས་ཀ་ཡིན་པའི་གནས་ལུགས་ལ་གཞི་བཅོལ་ཡོད། ཐེ་ཝན་དང་འབར་མའི་མི་སེར་མཐུན་ཚོགས་ནས་ཚོགས་ཐུན་གཉིས་པའི་སྐབས་འབར་མའི་རང་དབང་ལས་འགུལ་སྐོར་གྱི་ངོ་སྤྲོད་ཞིབ་ཕྲ་ཞིག་གནང་ཞིང་། ཁོང་ཚོས་འབར་མའི་མི་རིགས་ ༡༣༥ ལས་རྒྱ་མི་རིགས་ནི་གཞུང་འབྲེལ་ཐོག་ངོས་འཛིན་བྱེད་ཀྱི་མེད། ༡༩༨༨ ལོའི་གྱེན་ལོག་དང་རྒྱ་ནག་ལ་ངོ་རྒོལ་གྱི་བསམ་ཚུལ་འཕེལ་རྒྱས་འགྲོ་བཞིན་པའི་ཤུགས་རྐྱེན་ཐེབས་པའི་གཏམ་བཤད་པ་གཉིས་ཀ་འབར་མ་ནས་བྲོས་བྱོལ་དུ་ཕྱིན་ཏེ་ཐེ་ཝན་དུ་སྐྱབས་བཅོལ་དུ་ཕྱིན། དེ་དག་གིས་དམངས་གཙོའི་རིན་ཐང་ལ་སྐུལ་འདེད་གཏོང་བ་དང་། མའེ་ཡན་མར་གྱི་དམངས་གཙོའི་མ་འོངས་པར་རེ་བ་བྱེད་ཅིང་། ཐེ་ཝན་འབར་མའི་ཐུན་འབྲེལ་ཚོགས་པ་ནི་ཕྱི་ལོ་ ༢༠༢༡ ལོར་དམག་དོན་སྲིད་དབང་སྒེར་འཛིན་བྱས་རྗེས་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། མཐུན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་འབར་མའི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། དེ་བཞིན་ཐའེ་ཝན་དུ་འབར་མའི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་གནང་རྒྱུ་དེ་རེད། ཚོགས་ཐུན་འདི་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ནས་གཙོ་སྐྱོང་གནང་སོང་། ཚོགས་ཐུན་གསུམ་པའི་གཙོ་སྐྱོང་བ་འབུམ་རམས་པ་ཀུན་བཟང་སྒྲོལ་མ་ལགས་ཀྱི་གནང་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་རིག་པ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་དང་འབྲེལ་བའི་གལ་ཆེའི་ལོ་རྒྱུས་ཀྱི་བཤད་ཚུལ་གསུམ་ལ་ཁས་ལེན་དང་གསང་བ་མེད་པར་བཟོ་རྒྱུར་གཙོ་བོར་བལྟས་ཡོད། དེ་དག་ནང་རྒྱ་བཟའ་འུན་ཤིང་ཀོང་ཇོས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་གཉེན་སྒྲིག་བྱས་པ་བརྒྱུད་བོད་དེ་ཤེས་ཡོན་ཅན་དང་རིག་གནས་ཕྱུག་པོ་ཆགས་ཡོད་ཅེས་བརྗོད་པ་དེ་ཡང་ཚུད་ཡོད། མན་ཇུའི་ལོ་རྒྱུས་ཆ་ཚང་དང་སྒྲིག་ཡིག་དོན་ཚན་ ༢༩ ཡི་གྲོས་མཐུན’ལ་གཞིགས་ཡོད། དོན་གྲུབ་དབང་མོའི་རྩོམ་ཡིག་དེས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ནང་ལི་ཐི་ཡམ་གཏེར་ཁ་སྔོག་འདོན་ལ་དམིགས་པའི་ནུས་ཁུངས་གཙང་མའི་སྲིད་ཇུས་ཀྱི་གཞི་རྩའི་དམིགས་ཡུལ་གསལ་སྟོན་བྱས་ཤིང་། སྲིད་ཇུས་དེས་རྒྱ་ནག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་གདོང་ངོས་ལྟ་བུར་གྱུར་ཡོད་ཅེས་གླེང་སློང་བྱེད་པ་དང་། འཛམ་གླིང་ཐོག་གློག་ཤུགས་ཀྱི་རླངས་འཁོར་ཐོན་སྐྱེད་བྱེད་མཁན་ཆེ་ཤོས་ཀྱི་གནས་བབ་ལ་བརྟེན་ནས་མཁོ་སྤྲོད་འབྲེལ་ཐག་ལ་སྐུལ་འདེད་བཏང་བའི་སྐོར་གཏམ་བཤད་བྱས། ཚོགས་ཐུན་བཞི་པའི་གཙོ་སྐྱོང་བ་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་བྱས་པ་དང་། གཏམ་བཤད་པ་ཡུས་དྷ་ཧི་ལགས་ཀྱིས་་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཞིང་། ཁོང་གིས་བོད་ཀྱི་དམངས་གཙོའི་ལག་ལེན་དེས་རྒྱ་ནག་ནང་རང་དབང་གི་རྨང་གཞི་འཛུགས་པར་ཕན་ཐོགས་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། གཏམ་བཤད་གནང་མཁན་གཉིས་པ་ཐེ་ཝན་བོད་དོན་རྒྱབ་སྐྱོར་བ་ཡིང་ཅུང་གིས་རྒྱལ་ཁབ་མེད་པའི་བོད་མི་ཚོར་ཐའེ་ཝན་ནང་སྐྱོད་ཆོག་པའི་ཐོངས་མཆན་ཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུང་བཤད་གནང་ཡོད། མོས་ནང་པའི་ཆོས་ལུགས་ཀྱི་མི་སྣ་(གྲྭ་བཙུན་དང་བཙུན་མོ)ལ་ཐོངས་མཆན་དུས་ཡུན་རིང་དུ་བཏང་བའི་གྲུབ་འབྲས་ལ་གསལ་ཁ་འདོན་བྱས་པ་དང་། ཟླ་ ༢ ནས་ཟླ་ ༦ བར་ཕར་འགྱངས་བྱུང་བའི་གནས་སྟངས། དེ་བཞིན་མ་འོངས་བོད་ཀྱི་སློབ་ཕྲུག་ཚོར་ཐེ་ཝན་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་རྒྱུ་དང་དམིགས་ཡུལ་དེ་དང་འབྲེལ་བའི་བསམ་ཚུལ་དང་དགོངས་ཚུལ་གསུངས་ཡོད། བགྲོ་གླེང་གི་མཇུག་སྡོམ་མཛད་སྒོའི་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཉིས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་སྟེགས་བུ་དེའི་གལ་ཆེ་རང་བཞིན་བརྗོད་ཅིང་། མཐའ་མཚམས་དང་བཙན་གནོན་འོག་ཡོད་པའི་སྤྱི་ཚོགས་ཀྱི་མགྲིན་ཚབ་པ་གཅིག་སྒྲིལ་བྱེད་དགོས་པ་དང་། མཉམ་རུབ་ཀྱི་སྡུག་བསྔལ་ལ་ཁ་གཏད་གཅོག་པ། སྐད་རིགས་འདྲ་མིན་གྱི་ཚོགས་ཆེན་འདིས་སྐད་ཆ་སྣ་ཚོགས་ཀྱི་ཐོག་ནས་མཐའ་མཚམས་དང་བཙན་གནོན་འོག་གནས་པའི་མི་རྣམས་མཉམ་དུ་འཛོམས་ནས་ཁོང་ཚོའི་སྐད་ཡིག་དང་གཏམ་རྒྱུད་ཀྱི་ཐོག་ནས་ཁོང་ཚོའི་དཔའ་བོའི་སྒྲུང་བརྗེ་རེས་བྱེད་ཐུབ་པ་བྱས་སོ། གསར་འགྱུར་བཀོད་སྒྲིག་པ་དྭངས་ཞབས་ཉམས་ཞིབ་པ་རྟའུ་བསྟན་འཛིན་རྣམ་རྒྱལ།