༄༅། །རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་སོ་སོར་ཐུན་མོང་མ་ཡིན་པའི་ངོ་བོ། སྐད་ཡིག་དང་། རིག་གཞུང་། གོམས་གཤིས་བཅས་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་དང། ཁྱད་ཆོས་དེ་དག་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་རྒྱལ་ཁབ་དེ་རང་བཙན་ཡིན་ན་དེ་བས་ནུས་པ་ཐོན་པ་ཡོང་གི་རེད། ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། རྒྱལ་ཁབ་ཆེ་བ་ཞིག་གིས་རྒྱལ་ཁབ་ཆུང་བ་ཞིག་བཙན་འཛུལ་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་དེའི་སྐད་ཡིག་སོགས་ཡོད་ཚད་ལ་སྣང་མེད་རྡོག་རོལ་ཐེབས་ཀྱི་ཡོད། བཙན་འཛུལ་བྱེད་མཁན་གྱི་རྒྱལ་ཁབ་དང་གཞུང་གི་ཆབ་སྲིད་ཀྱི་ལྟ་གྲུབ་གང་ཡིན་རུང་། ཡུ་གུར་དང་། ནང་སོག་ལྟ་བུའི་གྲངས་ཉུང་མི་རིགས་རྣམས་གྲངས་འབོར་མང་བའི་རྒྱ་ཧན་མི་རིགས་དང་གཅིག་མཚུངས་བཟོ་ཐབས་ཀྱི་སྲིད་བྱུས་འཛིན་གྱི་ཡོད།[PDF]