༄༅། །བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་སྐབས་དང། ལྷག་པར་དུ་བོད་ཡིག་དར་ཁྱབ་རྗེས་སུ་བོད་ཀྱི་ལོ་རྒྱུས་སྨྲ ་བ་རྣམས་ནས་རང་དབང་དང་དྲང་བདེན་ཐོག་བོད་ཀྱི་ལོ་རྒྱུས་ཡིག་ཐོག་བཀོད་ཡོད། ལོ་ངོ་ཉིས་སྟོང་ལྷག་གི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནི་སུབ་ཐབས་མེད་པའི་བདེན་དཔང་གལ་ཆེ་ཞིག་རེད། ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་དཔུང་དམག་བོད་མདོ་སྟོད་སྨད་ས་ཁུལ་ནས་བཙན་འཛུལ་བྱས། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་བཅུག་པ། ཕྱི་ལོ་ ༡༩༥༩ ལོར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་རྫོགས་རྒྱ་དམར་གྱིས་དབང་བསྒྱུར་སོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ཁ་ཕྱོགས་འགྱུར་མཚམས་ལ་དབྱེ་ཞིབ་གཏིང་ཟབ་དགོས་ངེས་ཡིན། ལྷག་པར་དུ་རྒྱ་དམར་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་ཤེད་ཀྱིས་བཞག་བཅུག་ནས་བོད་ནི་རྒྱ་ནག་ཁྱབ་ཁོངས་ཆགས་ལུགས་བཤད་ཀྱང་གྲོས་མཐུན་གྱི་དོན་ཚན་ཁག་ལག་བསྟར་མེད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱུན་དུ“མར་ལེ་རིང་ལུགས་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས”ནི་གལ་ཆེའི་རྩ་འཛིན་དང་ཁྲིད་སྟོན་གཙོ་བོར་འཛིན་ཡོད། [PDF]