༄༅། །ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱ་རྒྱུའི་སྲིད་ཇུས་རབ་དང་རིམ་པ་བཀོད་དེ་ལག་བསྟར་བྱས་པ་མ་ཟད། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་སྲིད་བློན་ལིས་ཁི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་སྐབས། ཀྲུང་གོའི་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་འཕེལ་རྒྱས་ཡོང་བའི་མི་མངོན་པའི་ནུས་ཤུགས་ཆེ་ཤོས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ཞེས་ཐེངས་འགའ་ནན་བཤད་བྱས། ཕྱི་ལོ་ ༡༩༧༨ ལོ་ནས་ ༢༠༡༡ ལོའི་བར་དུ་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་བའི་མི་གྲངས་དུང་ཕྱུར་ ༡.༧༢ ནས་དུང་ཕྱུར་ ༦.༩ འཕར། གྲོང་ཁྱེར་ཅན་གྱི་བསྡུར་ཚད་ཀྱང་ ༡༧.༩༢% ནས་ ༥༡.༢༧% དུ་འཕར་འདུག སྔོན་རྩིས་ལྟར་ན་ ༢༠༢༠ ལོར་སླེབས་རྗེས་ཀྲུང་གོའི་གྲོང་ཁྱེར་ཅན་གྱི་བསྡུར་ཚད་ ༥༥% ནས་ ༦༠% བར་འཕར་རྒྱུ་ཡིན་ཞིང་། རྒྱ་ནག་སྐམ་ས་ཆེན་པོའི་ཞིང་ལས་མི་གྲངས་མང་ཤོས་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་དེར་འགྱུར་ལྡོག་ཐེབས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་མི་གྲངས་མང་བའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་རེད།[PDF]